༉ སྤྱི་ལོ་༢༠༡༤ ལུ་ ང་གིས་སློབ་དཔོན་འབད་དེ་ ལོ་ངོ་དྲུག་འགོ་བཙུག་དོ་ཡོདཔ་དང་འབྲེལ་ ལོ་ལྔ་གི་ཉམས་མྱོང་དང་
འཁྲིལ་གློག་རིག་ཟེར་མི་འདི་ དུས་ཀྱི་འགྱུར་བ་དང་བསྟུན་ ཤེས་ཡོན་སྤེལ་ཐབས་དྲག་ཤོས་ཅིག་འབད་ ངོས་ལེན་འབདཝ་ཨིན། ད་ཚུན་གློག་རིག་གི་ཐོག་ལས་ རང་གི་ཉམས་མྱོང་དང་ཚོར་བ་བརྗེ་སོར་འབད་ས་བལྟ་སྟེ་ དེ་བཟུམ་གྱི་ཅ་ཆས་བཟོ་བསྐྲུན་འབད་མི་ཚུ་ལུ་ངལ་རངས་དང་ཡིད་ཆེས་ཡང་ལྷག་པར་བསྐྱེད་དེ་ཡོད།

དུས་ཅི་སྤྱི་ཟླ་༥པའི་ནང་ ངེ་གི་ཆ་རོགས་ ཨོ་རྒྱན་རྡོ་རྗེ་ལས་གྲོགས་རམ་ལེན་ཐོག་ ཡོངས་འབྲེལ་གཅིག་གསར་བཟོ་འབད་ཞིནམ་ལས་ དེ་ནང་ལུ་རང་གི་བསམ་འཆར་དག་པ་ཅིག་བཀོད་དེ་ ཟླཝ་ཕྱེད་དང་གསུམ་དེ་ཅིག་སོང་རུང་ དོན་ཡོད་ཀྱི་བསམ་འཆར་བཀོད་ནི་ཕར་བཞག་ ཐ་ན་ཡིག་རིགས་ཚུ་ལུ་དགའ་ཚོར་གྱི་ངོས་ལེན་འབད་མི་ ཕུད་དོ་གཅིག་ཡང་མ་འཐོན་མི་ལུ་བལྟ་བ་ཅིན་
འབྲུག་རྒྱལ་ཁབ་ཀྱི་ རྒྱལ་ཡོངས་སྐད་ཡིག་གི་གནས་ཚད་དེ་དང་ དེ་ལུ་ངོས་ལེན་ཡོད་མེད་ཀྱི་གྲུབ་འབྲས་ངོ་མ་གསལ་སྟོན་
འབདཝ་ཨིན་པས།
འབྲུག་རྒྱལ་ཁབ་ཀྱི་ རྒྱལ་ཡོངས་སྐད་ཡིག་གི་གནས་ཚད་དེ་དང་ དེ་ལུ་ངོས་ལེན་ཡོད་མེད་ཀྱི་གྲུབ་འབྲས་ངོ་མ་གསལ་སྟོན་
འབདཝ་ཨིན་པས།
མ་གཞི་ད་རེ་ནངས་པའི་དུས་ལུ་ ཨ་ལོ་ཆུང་ཀུ་ཅིག་ལས་འགོ་བཟུང་ རྒས་ཤོས་བརྒྱད་ཅུ་དགུ་བཅུའི་ལོ་གྲངས་ཚུན་ཚོད་ མི་སྡེའི་བརྡ་བརྒྱུད་ལུ་སྤྲོ་བ་བསྐྱེད་མི་ཙང་ཙ་མཐོང་རུང་ རང་གི་རྒྱབ་ཁབ་ཀྱི་ཁ་སྐད་ཀྱི་ཐོག་ལུ་བྲིས་ཡོད་མི་ཚུ་ལུ་ སྤྲོ་སྣང་མེད་མི་དེ་ ཡིད་ཕམ་པའི་རང་བཞིན་ཅིག་ཨིན་པས།
ང་གིས་ རྫོང་ཁ་འདི་ རྒྱལ་སྤྱིའི་ཁ་སྐད་དང་འགྲན་བསྡུར་འབདཝ་མེན་པར་ རྒྱལ་ཁབ་ནང་ན་རྐྱངམ་ཅིག་གི་ཐད་ལུ་མནོ་
བསམ་བཏང་སྟེ་སླབ་ཨིན། དུས་ཚོད་དེ་བཟུམ་ཅིག་ནང་ རྫོང་ཁ་སློབ་སྟོན་འབད་དེ་ ཡར་རྒྱས་གཏང་ནིའི་འགན་ཁུར་འབག་
མི་ཚུ་གི་སེམས་ལུ་ སེམས་ཤུགས་བསྐྱེད་ནིའི་ཆ་རྐྱེན་མེན་པར་ ཧེང་སྐལ་ར་ བློ་སྤོབས་ཞུམ་པའི་གཞི་ལས་མིན་འདུག་ཟེར་
ཞུ་གེ།
ཨིན་རུང་ སྤྱིར་འབྲུག་མི་ཡོངས་ཀྱི་བསོད་ནམས་དང་ ལྷག་པར་དུ་མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ ཞབས་དྲུང་ངག་དབང་རྣམ་
རྒྱལ་མཆོག་གི་ཐུགས་སྨོན་ མི་དབང་རིམ་བྱོན་ཚུ་གི་སྐུ་དྲིན་ལས་ ནམ་གཅིག་གི་ཚེ་ འབྲུག་གི་རྒྱལ་ཡོངས་སྐད་ཡིག་གི་
ཁྱད་ཆོས་དང་ཡོན་ཏན་ཚུ་ འབྲུག་མི་རེ་རེ་བཞིན་གྱི་སེམས་ལུ་དྲན་ཞིནམ་ལས་ རྒྱལ་ཁབ་མཐའ་དབུས་མེད་པར་དར་ཁྱབ་
འགྱོ་བའི་ སྨོན་ལམ་ཡང་ལས་ཡང་དུ་བཏབ་དོ་ཟེར་ཞུ་གེ་ལགས།། །།

སློབ་དཔོན། ཕྲང་ཕྲང་ར་ དཔའ་ཞུམ་སྟེ་ དེ་སྦེ་མ་གསུངས། སླབ་སླབ་མངནི་ ཨའི་གིས་ཡང་ཉན་བཏུབ་ལོ་མེན་ན། སྤྲོ་བ་དང་་འདོད་ཡོད་མི་ཚུ་གིས་ རྒྱལ་ཡོངས་སྐད་ཡིག་ཐོག་ལས་འབྲི་ཡི་ར་བདའ་བ་ཅིན་ དུས་ནམ་ཅིག་གི་ཚེ་ ལས་ཀྱིས་ར་བལྟ་མི་མང་སུ་འཐོནམ་མིག་གིས་མཐོང་སར་ཨིན། ད་ལྟོ་ལེགས་ཉེས་ཀྱི་བསམ་འཆར་བཀོད་མི་མ་ཐོན་མི་དེ་ མཐུན་རྐྱེན་མ་ཚངམ་དང་ ཁྱབ་སྤེལ་གཏང་མ་ཚུགས་པའི་སྐྱོན་འོང་ཟེར་མནོཝ་མས། ག་དེ་སྦེ་ར་ཨིན་རུང་ ནཱ་གིས་བྲིས་མི་ཚུ་ ང་གིས་ཡང་ན་འཐན་སྦེ་ལྟ་ཡི། ནཱ་གིས་ཨིན་རུང་ ང་གིས་བྲིས་ཡོད་མི་ཚུ་གཟིགས་ཞིནམ་ལས་ ཐུགས་འཆར་རེ་བཀོད་གནང་ལགས།
ReplyDeleteབཀྲ་དྲིན་ཆེ་ལགས། ད་ལས་ཕར་ཡང་རྩ་འགེངས་ཏེ་ཕྱག་ཞུ་ནིའི་རེ་བ་ཡོད།
Deleteརྫོང་ཁ་ལུ་ སྤྲོ་བ་ཡོད་རུང་ ཡོངས་འབྲེལ་དང་འབྲེལ་བའི་ཤེས་ཡོན་མེདཔ་ལས་ ཐབས་རང་མེད་པར་གླེན་གོ་བཟུམ་སྦེ་སྡོད་དགོ་པས་ལགས།
ReplyDelete