༣ འབྲུག་ཡུལ་གྱི། །རྒྱལ་ཁབ་ནང་། །ཆོས་ལྡན་གྱི། །རྒྱལ་པོ་བཞུགས། །
༤ བརྒྱུད་འཛིན་གསེར་ཁྲི། །ལྔ་པར་བྱོན་པའི། །མི་དབང་གེ་སར། །རྣམ་རྒྱལ་དབང་ཕྱུག །
༥ འབྲུག་པའི་མི་སེར་ཚུ། །ཁ་རྗེ་བཟངམོ་ལས་བརྟེན། །རྒྱལ་ཁབ་མཐའ་དབུས་མེདཔ། །ཞབས་ཀྱིས་བཅགས་ཏེ་གནང་། །
༦ འབྲུག་རྒྱལ་བཞི་པའི་ཐུགས་གཏེར། །རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས། །
འཛམ་གླིང་ཡོངས་ལུ་ཁྱབ་པའི། །མཛད་འཕྲིན་རྒྱས་པ་ལེགས་སོ། །
༧ འབྱུང་བ་བཞི་ཡི་རྐྱེན་ངན་གྱིས། །སྡུག་བསྔལ་མྱོང་པའི་མི་སེར་ཚུ། །
སྔར་ལས་ལྷག་པའི་གཞིས་ཁྱིམ་དང་། །བཅས་པའི་སེམས་གསོ་གནང་བར་མཛད། །
༨ སློབ་གྲྭར་འགྱོ་བའི་སློབ་ཕྲུག་ཡོངས་ལུ། །ཤེས་རིག་ཡོན་ཏན་ལེགས་ཤོམ་སྦྱང་ནས། །
མ་འོངས་འབྲུག་གི་རྒྱལ་ཁབ་ཆུང་ཀུ། །སྒྲིང་སྒྲིང་བཞག་དགོཔ་བཀའ་རྒྱ་གནང་ཡོད། །
༩ འཛམ་གླིང་རྒྱལ་ཁབ་ཡོངས་ཀྱིས་བསྟོད་པ་རྐྱབ་པའི། །དམངས་གཙོའི་རིང་ལུགས་དྲི་མེད་འོད་ཟེར་གྱིས། །
རྒྱལ་ཁབ་མཐའ་དབུས་མེད་པར་ཁྱབ་གནང་མི། །མི་དབང་ཕྱོགས་ཀྱི་བཀའ་དྲིན་བསམ་མི་ཁྱབ། །
༡༠ ཕྱི་ལས་གངས་རི་ཚུ་གིས་ར་བའི་ཚུལ་འབད། །ནང་ན་མི་སེར་ཕོ་མོ་དགའ་སྐྱིད་ལོངས་སྤྱོད། །
མངའ་བདག་རྒྱལ་པོ་གསེར་ཁྲི་དགུང་ལུ་བཞུགས་འབད། །འབྲུག་གི་སྙན་གྲགས་འཛམ་གླིང་ནང་ལུ་ཁྱབ་བཅུག །
༡༡ དཀོན་མཆོག་གསུམ་གྱིས་འབྲེལ་མེད་ཐུགས་རྗེ་གཟིགས་ནི་དང་། །ཆོས་སྐྱོང་སྲུང་མ་ཚུ་གིས་རྒྱབ་སྐྱོར་མཛད་ཞིནམ་ལས། །
ཕྱི་དགྲ་ནང་དགྲ་ཚུ་གིས་གནོད་པའི་རྐྱེན་ངན་མེད། །ཧེ་མ་བཟུམ་སྦེ་དགའ་སྐྱིད་སྐྱོང་སྟེ་སྡོད་པར་ཤོག །
༡༢ མི་དབང་རགྱལ་པོའི་སྐུ་ཚེ་ཉི་ཟླ་དང་མཉམ་བཅུག་ཅིག །འབངས་འཁོར་དམ་ཚིག་འགྱུར་བ་མེད་པ་རང་སྡོད་བཅུག་ཅིག །
རྒྱལ་ཁབ་སྔར་ལས་ལྷག་པའི་གོང་འཕེལ་ལུ་འགྱོ་བཅུག་ཅིག །འཛམ་གླིང་ཡོངས་ཀྱིས་བསྟོད་པ་དུས་རྒྱུན་རང་རྐྱབ་པར་ཤོག །
No comments:
Post a Comment